Tibetan Content

Requires Microsoft's Himalaya font to view properly.

དཔལ་ས་སྐྱ་གོང་མ་མཆོག་གིས་རྡོ་རྗེ་ཕུར་བའི་རྗེས་གནང་བཀའ་དྲིན་བསྩལ་པ།

དཔལ་ས་སྐྱ་གོང་མ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཁ་སང་སྤྱི་ཟླ་དགུ་བའི་ཚེས་བཅུ་གསུམ་རེས་གཟའ་ཉི་མའི་སྔ་དྲོར། ཆོས་ཚོགས་པ་ཁག་ཅིག་གིས་སྐྱབས་འཇུག་ཞུས་པ་ལྟར། མགོན་པོ་གང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ། འདུས་ཚོགས་བརྒྱ་སྐོར་ཞིག་ལ་སྔོན་འགྲོའི་གསུང་ཆོས་དང་འབྲེལ་ཀྱེ་རྡོར་དང་ཕུར་པ་གཉིས་ཀྱི་ཆོས་འབྱུང་ཞལ་གསལ་གོ་བདེ་བ་ལྷུག་སྩོལ་དང་། དེ་ནས་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱེ་རྡོར་དང་ཕུར་པ་གཉིས་ཀྱི་ཡ་གྱལ་དཔལ་ཆེན་རྡོ་རྗེ་ཕུར་བའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཟབ་མོ་དང་ཕུར་བའི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་བྱིན་རླབས་ལྷན་ཅིག་ཏུ་བཀའ་དྲིན་བསྐྱངས་ཤིང་། འདི་ཉིན་ཕུན་ཕོའི་གདུང་སྲས་ཛ་ཡ་རིན་པོ་ཆེ་དང་ས་དྷུ་རིན་པོ་ཆེ། དེ་བཞིན་ཕུན་ཕོའི་རྗེ་བཙུན་མ་འཆི་མེད་ལགས་དང་བདག་མོ་པད་མ་ལགས་དང་ཁོང་གི་སྲས་མོ་རྣམ་པ་སོགས་ས་སྐྱའི་སྐུ་འཁོར་རྣམས་ཀྱང་ཕེབས་གནང་ཡོད། སྤྲུལ་སྐུ་ཡེ་ཤེས་ཀྱིས།

 

 

Last Updated: Monday, 31 August 2015 16:47

ཕུན་ཕོའི་བདག་མོ་སྐུ་ཞབས་མཆོག་ཧོང་ཀོང་དུ་ཕེབས་པ།

 

 

 

 

འདི་ཟླའི་ཚེས་ཉེར་དྲུག་ནས་བརྩམས་ཏེ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་མོ་སྐུ་ཞབས་འཇམ་དབྱངས་དཔལ་མོ་མཆོག་ཕྱག་རོགས་བདག་མོ་ཕེ་སྒེ་དང་ཆོས་ཚོགས་པ་ཨ་ཞི་ལི་གཉིས་དང་ལྷན་འདི་ག་ཨ་རི་ནས་རྒྱ་གར་དང་འབྲུག་ཡུལ་དུ་ཕེབ་ཞོར་ཧོང་ཀོང་དུ་ཕེབས་པ་དང་། ཧོང་ཀོང་གནམ་ཐང་ནས་ཉིད་ཀྱི་སློབ་མ་ཁག་ཅིག་གིས་ཕེབ་བསུ་ཞུས་ཏེ་ས་སྐྱ་བརྩེ་ཆེན་ཕུན་ཚོགས་ཆོས་གླིང་ཞེས་པའི་ཆོས་ཚོགས་གསར་བར་ཕེབས་ནས་དེ་གའི་ཚོགས་མི་ཚོར་མཇལ་འཕྲད་གནང་ཞིང་། དེ་མུར་ཐུབ་པའི་དབང་པོའི་སྐུ་བསྟོད་དང་འབྲེལ་བའི་བཀའ་ཆོས་ཉུང་བསྡུས་ཤིག་བསྩལ་རྗེས་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་ལས་དོན་ཁག་ལ་གོ་བསྡུར་གནང་། དེ་རྗེས་རྒྱ་བླ་མ་ཀན་ཙོའི་ཆོས་ཚོགས་མཧྰ་སིདྡྷ་ཡོ་ག་ཆོས་ཚོགས་སུ་ཡང་ཕེབས་བསྐྱོད་གནང་།

ཉིན་རྗེས་མར་ས་སྐྱ་བརྩེ་ཆེན་ཕུན་ཚོགས་ཆོས་གླིང་ལ་ཞལ་འདེབས་འབུལ་མཁན་གྱི་གྲས་རྒྱ་མོ་དབྱངས་ཅན་མར་མཇལ་འཕྲད་གནང་། དེ་བཞིན་དགོང་དྲོར་རྒྱ་བླ་མའི་ཆོས་ཚོགས་སུ་ཚོགས་འཁོར་གྱི་དགའ་སྟོན་ཡང་འབུལ་གནང་མཛད།

རྩོམ་སྒྲིག་པ་སྤྲུལ་སྐུ་ཡེ་ཤེས།

 

 

Last Updated: Monday, 31 August 2015 18:46

དཔལ་༧ས་སྐྱ་གོང་མ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་པ།

 

 

འདི་ཟླའི་ཚེས་ཉེར་གསུམ་རེས་གཟའ་ཉི་མའི་ཉིན། དཔལ་ས་སྐྱ་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་གིས་ས་དགོན་བརྩེ་ཆེན་ཀུན་ཁྱབ་ཆོས་གླིང་དུ་ས་སྐྱ་དགོན་པའི་ཆོས་ཚོགས་པ་དག་གིས་གཙོས་པའི་འདུས་པ་བརྒྱ་སྐོར་ཞིག་ལ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྗེས་གནང་བཀའ་དྲིན་བསྩལ་ཅིང་། རྗེས་གནང་གི་སྔོན་རྗེས་གཉིས་སུ་ཇི་ལྟར་ལྷ་མཆོག་འདི་ཉིད་ཉམས་སུ་ལེན་སྟངས་དང་འབྲེལ་བའི་ཟབ་རྒྱས་ཆོས་ཀྱི་གདམས་ངག་མཐའ་ཡས་པ་ཞིག་དགྱེས་བཞིན་བསྩལ།

 

 

Last Updated: Monday, 31 August 2015 18:46

 

Mailing List


Receive announcements about special events as well as a weekly email detailing all activities for the coming week.

 

Make a Donation


Help support Sakya Monastery through a donation or by becoming a Member.

 

Dharma Shop


Purchase select books, CDs, and other items at our online Dharma Shop!